༄༅། །བོད་ཁམས་བདེ་ཐབས་ཡན་ལག་ཆོས༔ འགྲོ་དོན་མ་ཎི་བསྐུལ་བ་བཞུགས༔ མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོའི་གོ་འཕང་ཐོབ་པའི་དོན་དུ་མ་ཎི་འུར་དབྱངས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཡུལ་རིས་རྒྱལ་ཁམས་ས་ཕྱོགས་འདིའི་ནད་ཡམས་འཁྲུག་རྩོད་ཞི་བ་དང་བདེ་སྐྱིད་འཛོམ་པའི་ཕྱིར་དུ་མ་ཎི་འུར་དབྱངས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ དཔལ་ལྡན་བླ་མ་དམ་པའི་དབང་ཡོན་མཎྜལ་དང་ཡུན་དུ་ཞབས་པད་བརྟན་ཅིང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་དོན་དུ་མ་ཎི་འུར་དབྱངས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔
རྗེ་བླ་མ་རྣམས་ལ་གསོལ་བ་འདེབས༔
སྒོས་བཀའ་དྲིན་ཅན་གྱིས་བྱིན་གྱིས་རློབས༔
ཨོཾ་མ་ཎི་པདྨེ་ཧཱུྃ༔
འདིར་འཚོགས་པའི་སྐལ་ལྡན་ཕོ་མོ་རྣམས༔
དབང་ཆོས་འདི་དོན་ལྡན་མཛད་པར་ཞུ༔
ཨོཾ་མ་ཎི་པདྨེ་ཧཱུྃ༔
དེང་མཇལ་བའི་མཚན་ལྡན་བླ་མ་འདི༔
རྗེ་སངས་རྒྱས་དབྱེར་མེད་སྤྱི་བོར་སྒོམས༔
ཨོཾ་མ་ཎི་པདྨེ་ཧཱུྃ༔
ལྷ་ཐུགས་རྗེ་ཆེན་པོ་སྤྱི་བོར་སྒོམས༔
ངག་ཡི་གེ་དྲུག་མའི་གསོལ་འདེབས་མཛོད༔
ཨོཾ་མ་ཎི་པདྨེ་ཧཱུྃ༔
སེམས་བྱམས་དང་སྙིང་རྗེ་ཆེན་པོ་སྒོམས༔
ཆོས་བྱས་ཚད་འགྲོ་བའི་དོན་དུ་མཛོད༔
ཨོཾ་མ་ཎི་པདྨེ་ཧཱུྃ༔
འཇིགས་བརྒྱད་དང་ནད་གདོན་གང་བྱུང་ཡང༔
འཇིགས་སྐྱོབ་ཀྱི་ཡི་གེ་དྲུག་མ་དབྱངས༔
ཨོཾ་མ་ཎི་པདྨེ་ཧཱུྃ༔
ལུས་མི་རྟག་པ་ནི་མངོན་སུམ་ལ༔
ཡོངས་འཁོར་བ་འདི་ལ་སྙིང་པོ་མེད༔
ཨོཾ་མ་ཎི་པདྨེ་ཧཱུྃ༔
ཆོས་དགེ་བ་བཅུ་པོ་བསྒྲུབ་པ་དང༔
སྡིག་མི་དགེ་བཅུ་པོ་སྤང་བར་བྱ༔
ཨོཾ་མ་ཎི་པདྨེ་ཧཱུྃ༔
དེ་ལྟར་དུ་མཛད་པའི་ཕན་ཡོན་གྱིས༔
ཚེ་འདི་དང་ཕྱི་མ་བདེ་ལེགས་འབྱུང༔
ཨོཾ་མ་ཎི་པདྨེ་ཧཱུྃ༔
སྤྱིར་རྒྱལ་ཁམས་ཡོངས་ལ་བཀྲ་ཤིས་ཤོག༔
སྒོས་འདིར་འཚོགས་ཁྲོམ་ལ་བཀྲ་ཤིས་ཤོག༔
ཨོཾ་མ་ཎི་པདྨེ་ཧཱུྃ༔
ཞེས་བོད་ཁམས་བདེ་ཐབས་ཀྱི་ཡན་ལག་འགྲོ་དོན་ཆོས་བཅུའི་ནང་ནས་ཁོལ་དུ་ཕྱུངས་པའོ།། །།
ཡོང་ཁུངས། ནང་བསྟན་དཔེ་ཚོགས་ལྟེ་གནས་དྲྭ་བ། (Buda/BDRC-MW1KG14) རིན་ཆེན་གཏེར་མཛོད་ཆེན་མོ། པོད། ༢༥

Comments
Post a Comment